JW subtitle extractor

ལ་ཧྥེ་ཁ་དབྱིན་ མོ་ལི་སི། ངས་དེ་སྔོན་དྲང་བདེན་མེད་པར་ངོ་རྒོལ་གང་ཐུབ་བྱེད།

Video Other languages Share text Share link Show times

ང་ཆུང་དུས་ཨ་རིའི་ལྷོ་རྒྱུད་དུ་འཚར་ལོངས་བྱུང་།
སྐབས་དེ་དུས་སྲིད་གཞུང་གིས་རིགས་རྒྱུད་ཁ་ཕྲལ་གྱི་སྲིད་ཇུས་ལག་བསྟར་བྱས་པས་
མི་རིགས་དཀར་པོ་དང་མི་རིགས་ནག་པོ་འཚོ་བ་མཉམ་དུ་སྐྱེལ་མི་ཆོག
གཞན་ཡང་སྟོན་བྱང་ཐོག་མི་རིགས་དཀར་པོ་དང་མི་རིགས་ནག་པོ་ངེས་པར་དུ་
སྤྱི་དམངས་ཀྱི་ས་ཆ་སོ་སོར་བེད་སྤྱོད་གཏོང་དགོས་ཟེར་གསལ་པོར་བྲིས་ཡོད།
ངས་ཧ་གོ་མ་སོང་མི་རིགས་ནག་པོ་དང་མི་རིགས་དཀར་པོ་
མཉམ་དུ་འཆམ་མཐུན་མཉམ་གནས་བྱེད་མི་ཐུབ་གང་ཡིན་ནམ།
སྒོར་ཟུར་ལྔ།
ཡ་ཡ། སྐུ་ཞབས།
ཐུགས་རྗེ་ཆེ། སྐུ་ཞབས།
རྨོ་ལགས་ཁོ་ནི་བུ་ཆུང་ཆུང་རེད།
རྨོ་ལགས་རང་གི་ཁོ་ལ་སྐུ་ཞབས་ཟེར་བ་རྒྱུ་མཚན་གང་ཡིན་ནམ།
སྐད་ཆུང་ཙམ་བྱེད། ང་ཚོ་མི་རིགས་ནག་པོ་ཡིན་པ་མ་བརྗེད་པ་བྱེད།
ལྗེད་ཐེག་རླངས་འཁོར་བསྡད་རྗེས་ངས་རྨོ་ལགས་བཤད་པར་
「ངས་ང་མི་གཞན་ལས་དམན་པ་ཡིན་བསམ་གྱི་མི་འདུག」
ང་དམ་པའི་གསུང་རབ་དགའ་པོ་ཡོད་པ་རྨོ་ལགས་ཀྱི་ཤེས།
གང་ཡིན་ཟེར་ན་ང་ཆུང་དུས་རྟགས་པར་དམ་པའི་གསུང་རབ་ཀློག་པ་དགའ་པོ་ཡོད།
འོན་ཀྱང་དེ་དུས་ངས་ཀློག་ཀྱང་ནང་དོན་ཧ་གོ་མི་འདུག
ངས་དེ་སྔོན་དཀོན་མཆོག་ལ་སྨོན་ལམ་རྒྱག་
「མི་རིགས་ནག་པོ་དང་མི་རིགས་དཀར་པོ་གཅིག་པ་མིན་པའི་རྒྱུ་མཚན་གང་ཡིན་ནམ།
མཉམ་དུ་འཚོ་བ་སྐྱེལ་མི་ཆོག་པའི་རྒྱུ་མཚན་གང་ཡིན་ནམ།」
རྗེས་ལ་ང་ལ་ཆབ་སྲིད་ཀྱི་སྒྲིག་འཛུགས་ཞིག་འཕྲད་བྱུང་།
དེ་དང་ངའི་ཕུགས་བསམ་ནང་ཞུགས་པའི་སྒྲིག་འཛུགས་ཧ་ཅང་འདྲ།
ཁོ་ཚོའི་འབོད་ཚིག་ནི་「དྲང་འདེན་མིན་པ་ལ་ངོ་རྒོལ་བྱེད།」
ཁོ་ཚོས་「དྲང་འདེན་མིན་པ་」
ཟེར་བའི་ཚིག་དེ་གོ་སྐབས་ང་སེམས་འགུལ་ཐེབས་ནས་ངས་བསམ་པར་
「རེད། འདི་ངའི་སེམས་ནང་བསམ་པའི་སྒྲིག་འཛུགས་མ་རེད་དམ།
དེ་རྒྱུད་ནས་ཕྱོགས་ཞེན་སེལ་ཐུབ།
འཆམ་མཐུན་མཉམ་གནས་ཀྱི་ཕུགས་བསམ་འགྲུབ་ཐུབ། འདི་ཡག་པོ་མ་རེད་དམ།」
འདི་དེ་དུས་ཀྱི་ངའི་དམིགས་ཡུལ་ཡིན།
ང་ཚོས་ཉེན་རྟོག་པའི་དྲག་ཤུགས་ཁྲིམས་འཛིན་ལ་རྒོལ་གཏམ་བྱས།
རྒྱུ་མཚན་ནི་བྱེད་སྒོ་དེ་ཚོ་སྐབས་དེ་དུས་མི་རྣམས་དོ་སྣང་བྱེད།
ང་སྒྲིག་འཛུགས་འདི་བྱེད་སྒོ་ཁ་ཤས་ལ་འདོད་པ་ཡོད།
འོན་ཀྱང་ང་ཚོ་ཉིན་ལྟར་དམག་དོན་སྦྱོང་བརྡར་བྱེད།
དཔེར་ན་ཁོ་ཚོས་ང་ཚོ་ལ་གོ་མཚོན་བེད་སྤྱོད་བྱེད་སྟངས་སོགས་བསླབས།
རྗེས་ལ་ངའི་བསམ་པར་「མ་རེད།
དེ་ངའི་བསམ་པའི་སྒྲིག་འཛུགས་མ་རེད།
ང་འདི་ནང་བསྡད་འདོད་མིན་འདུག」
དེ་ནས་ངས་ཡང་བསྐྱར་དཀོན་མཆོག་འཚོལ་ནས་དམ་པའི་གསུང་རབ་ཀློག
དེ་སྔོན་བྱས་པའི་བྱ་བ་ཀྱི་དེ་དུས་གནས་ཚུལ་འགྱུར་ལྡོག་གང་ཡང་ཕྱིན་མེད་པ་ཤེས།
ངས་དེ་དུས་ཀློག་པའི་དམ་པའི་གསུང་རབ་ནི་《དབྱིན་ཇིའི་རྒྱལ་པོ་ཆིན་ཏིང་པར་རིས》རེད།
འོན་ཀྱང་ངས་གང་འདྲ་ཀློག་ཀྱང་ཧ་གོ་གི་མི་འདུག
ཐེང་གཅིག་ང་ཡ་མའེ་ཅ་འགྲོ་སྐབས་དེ་དུས་
《དམ་པའི་གསུང་རབ་འཛམ་གླིང་གསར་པའི་བརྒྱུར་ཡིག》ཀློག་ཐུབ་བྱུང་།
དེའི་ནང་དོན་ཁ་གསལ་པོ་དང་གོ་བདེ་བ་བེད་སྤྱོད་ཉུང་བའི་ཚིག་རྙིང་པ་ཡང་མི་འདུག
དེ་དུས་ངའི་ཚུར་སྣང་ནི་「འདི་ནི་ངས་འཚོལ་བཞིན་པའི་དམ་པའི་གསུང་རབ་རེད།」
ཉིན་གཞིག་མི་གཉིས་ཀྱི་ངའི་ནང་གི་སྒོ་རྡུང་།
སྐབས་དེ་དུས་ཁོ་ཚོ་ཡ་ཧོ་ཝྰའི་དཔང་པོ་ཡིན་པ་ཧ་གོ་མ་བྱུང་
ང་མིག་ནང་མཐོང་པ་ནི་ཁོ་ཚོའི་ལག་པའི་ནང་གི་དམ་པའི་གསུང་རབ་དེ་ཡིན།
ངས་སྐད་ཆ་འདྲིས་པར་「ཁྱེད་ཚོར་ག་ནས་རག་བྱུང་ངམ།」
ཁོ་ཚོས་「རྗེས་སུ་ཁྱེད་རང་ལ་དེབ་གཅིག་འཁྱེར་ཡོང་ཞེས་བཤད་ཀྱི་འདུག」
རྗེས་སུ་ང་ལ་དམ་པའི་གསུང་རབ་གཅིག་སྤྲད་བྱུང་།
འོན་ཀྱང་དམ་པའི་གསུང་རབ་ཀྱི་སློབ་སྤྱོང་བཀོད་སྒྲིག་ཡོག་རེད་བསམ་མ་བྱུང་།
ང་ཐེངས་དང་པོ་ཡ་ཧོ་ཝྰའི་དཔང་པའི་ཚོགས་ཆེན་ལ་ཞུགས་སྐབས་
དེ་དུས་མི་ཧ་ལམ་ཁྲི་གཅིག་ཡོད་པ་ངེས་ཀྱི་འདུག
ངས་མི་རིགས་མི་འདྲ་བ་དང་ཤ་མདོག་མི་འདྲ་བ་མི་མཉམ་དུ་ཡོད་པ་མཐོང་བྱུང་།
ཡ་ཧོ་ཝས་ང་ལ་གསུང་པར་རང་གི་ང་ལ་སྐད་ཆ་འདྲིས་པར་
「ལ་ཧྥེ་ཁ་རང་གི་དྲན་གྱི་འདུག་གས།
མི་རིགས་མི་འདྲ་བ་དང་ཤ་མདོག་མི་འདྲ་བ་མི་
ཕྱོགས་ཞེན་མེད་པ་དང་འཆམ་མཐུན་མཉམ་གནས་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
རང་ལྟོས་དང་། ཁོ་ཚོ་འཆམ་མཐུན་མཉམ་གནས་བྱེད་ཐུབ།
རྒྱུ་མཚན་ནི་ང་ཕྱོགས་ཞེན་མེད་པའི་དཀོན་མཆོག་ཡིན།」
དེ་འདྲ་ཡག་པ་ལ། ང་སྒྲིག་འཛུགས་འདི་གཞི་ནས་རྙེད་བྱུང་།
དཀོན་མཆོག་གི་ཐོག་ནས་བཤད་ན་མི་ཚང་མ་འདྲ་མཉམ་ཡིན།
དེའི་རྐྱེན་གྱི་མི་རིགས་མི་འདྲ་གང་ཡིན་ཡང་ངས་ཁོ་ཚོ་ལ་ཆོས་སྤེལ་བྱས།
ཁོ་ཚོ་དང་མཉམ་དུ་འཆམ་མཐུན་མཉམ་གནས་བྱེད།
དམ་པའི་གསུང་རབ་སློབ་སྤྱོང་བྱས་ནས་ང་ལ་ལན་རྙེད་བྱུང་།
དཀོན་མཆོག་དང་ཁོང་གིས་སྲིད་གཞུང་གཅིག་པོས་
ཞི་བདེ་ངོ་མ་སྤྲད་ཐུབ་པ་ཤེས་བྱུང་།
ཡ་ཧོ་ཝས་ཁོང་གི་མི་ཟེར་མཐུན་སྒྲིལ་བྱེད་པ་ནང་བཞིན་
ངའི་རེ་བར་མི་ཚང་མ་ང་དང་འདྲ་བར་
ཡ་ཧོ་ཝ་ངོ་ཤེས་ནས་མཐུན་སྒྲིལ་ངང་ཁོང་ལ་དད་པ་བྱས་ན་བསམ།
ཡ་ཧོ་ཝས་ངའི་སྨོན་ལམ་ལ་དངོས་གནས་ལན་བརྒྱབ་བྱུང་།